ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > རིག་རྩལ། > བརྙན་ཟློས།

བོད་ཀྱི་དུང་བརྗོད་གློག་བརྙན༼ཁྱེད་རང་དྲན་པའི་སྟོན་ཁ༽བརྙན་རིས་ཐོར་བུ།

སྤེལ་དུས། 2012-01-05 14:22:42  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། པདྨ་ཚེ་རིང་།  ཀློག་གྲངས།

        བོད་ཀྱི་ན་གཞོན་འཁྲབ་ཁྲིད་པ་པད་མ་ཚེ་རིང་གི་གློག་བརྙན་བརྩམས་ཆོས༼ཁྱོད་རང་དྲན་པའི་སྟོན་ཁ༽ཞེས་པ་སྤྱི་ལོ་2011ལོའི་ཟླ་12པའི་ཚེས་1ཉིན་ཀན་ལྷོ་ཅོ་ནེ་རྫོང་ཉིན་པ་ཞང་ནས་ཕབ་སྐྲུན་ཡོངས་སུ་མཇུག་རྫོགས་པ་དང་། ད་ལྟ་མདོ་ལྷོ་གློག་བརྙན་འཕྲིན་རིག་གནས་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་ཟིས་བསྡུས་བཟོ་བསྐྱར་སྒྲིག་བྱེད་བཞིན་ཡོད།

        གློག་བརྙན་འདི་དུས་རབས་གོང་མའི་མཚོན་བྱེད་རང་བཞིན་གྱི་བོད་རིགས་ཤེས་ཡོན་པ་དཔལ་དོན་གྲུབ་རྒྱལ་ལགས་རྗེས་སུ་དྲན་པ་དང་ལོ་རབས་ཕྱི་མའི་བོད་རིགས་གཞོན་ནུ་ཚོའི་སེམས་སུ་ཁོང་གིས་མི་རིགས་འཕེལ་རྒྱས་ལ་ཕུལ་བའི་གསར་གཏོད་ཀྱི་སྙིང་སྟོབས་གསོན་པོ་ནམ་ཡང་འཇགགས་པ་མེད་པའི་སྨོན་འདུན་དུ་ཕུལ་བ་ཡིན།

 

 

ཉེ་བའི་གསར་བསྒྱུར།