ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > ཚོགས་པའི་གསར་འགྱུར།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པས་སྐབས་དྲུག་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་བསྡུས།

སྤེལ་དུས། 2020-06-22 20:34:38  རྩོམ་ཁུངས། མཙོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

ཚོགས་འདུའི་ཡུལ་དངོས།

  ཟླ6པའི་ཚེས་20ཉིན་མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་སྐབས་དྲུག་པའི་ཚོགས་མིའི་འཐུས་མི་ཚོགས་ཆེན་ཐེངས་དང་པོ་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་།ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཉིང་ཧའེ་དབྱིང་། ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཆོན་ཆི་ཀྲང་། ཞིང་ཆེན་དམངས་སྲིད་ཐིན་གྱི་ཐིན་ཀྲང་གཞོན་པ་ཅང་ཡུའེ་ཁྲེང་སོགས་འགོ་ཁྲིད་དང་། དེ་མིན་པུའུ་དང་ཐིན་བཅས་གཙོ་གཉེར་སྡེ་ཁག་གི་འགན་ཁུར་བློ་མཐུན། ཞིང་ཆེན་ཡོངས་ཀྱི་ལས་རིགས་སོ་སོའི་ཆེད་ལས་མཁས་པ་དང་དང་མཁས་དབང་། གསར་འགྱུར་སྨྱན་སྦྱོར་གྱི་གསར་འགོད་པ་སོགས་མི60ལྷག་ཙམ་ཐེངས་འདིའི་ཚོགས་འདུར་ཞུགས།

ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་སྐབས་དྲུག་པའི་དྲུང་ཡིག་ཆེན་མོ་རིན་ཆེན་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཚོགས་ཆེན་ལ་སྐབས་ལྔ་པའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ནོར་དོན་གཏོང་ཡོང་གི་ངེས་རྩིས་སྙན་ཞུ་ཕུལ།

མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་བའི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་ཀྱིས་བྱ་བའི་སྙན་ཞུ་ཕུལ།

མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཝང་ཆུན་གྱིས་ཚོགས་ཆེན་ཐོག་མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི《སྒྲིག་ཡིག》(འཆར་ཟིན)བཟོ་བཅོས་གསལ་བཤད་གནང་བ་རེད།

ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཉིང་ཧའེ་དབྱིང་གིས་གཏམ་བཤད་གནང་བཞིན་པ།

ཞིང་ཆེན་དམངས་སྲིད་ཐིན་གི་ཐིན་ཀྲང་གཞོན་པ་ཅང་ཡུའེ་ཁྲེན་གྱིས་གསུང་བཤད་གནང་བ་རེད།

ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཆོན་ཆི་ཀྲང་གིས་གསུང་བཤད་གནང་བ་རེད།

  ཚོགས་ཆེན་སྟེང་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་བའི་བྱ་བའི་གནས་ཚུལ་སྙན་ཞུར་གྲོས་ཞིབ་བྱས་པ་དང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་ལྔ་པའི་ནོར་སྲིད་གཏོང་ཡོང་གི་ངེས་རྩིས་གནས་ཚུལ་དང་། མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི《སྒྲིག་ཡིག》(འཆར་ཟིན)དང་ཚོགས་དངུལ་གྱི་ཚད་གཞི་བཟོ་བཅོས་གསལ་བཤད་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ཚོགས་ཐོག་ནས་མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་ལས་འཛིན་ལྷན་ཚོགས་སྐབས་དྲུག་པ་དང་སྐབས་དྲུག་པའི་འགོ་ཁྲིད་ཚན་ཁག་བདམས་ཐོན་བྱུང་ཞིང་། བློ་བཟང་ཟླ་བ་སྐབས་གསར་པའི་བོད་རིགས་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་དང་། རིན་ཆེན་ཚེ་བརྟན་དང་། མའོ་ཡུས་ཧྲེང་། ཚེ་རིང་རྒྱལ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཀྲང་ཞན་ཀྲུང་བཅས་ཚོགས་གཙོ་གཞོན་པར་བདམས་ལ། རིན་ཆེན་ཚེ་བརྟན་དྲུང་ཡིག་ཆེན་མོ་བདམས། ཚེ་རིང་རྒྱལ་དང་། རིན་ཆེན་ཚེ་དབང་། མའོ་ཡུས་ཧྲེང་། དཔའ་མོ་རྒྱལ། དཔའ་མཁར་རྒྱལ། སྟོབས་ལྡན། འཇམ་དབྱངས་ཚུལ་ཁྲིམས། ཨོ་རྒྱན་དབང་རྒྱལ། ཀྲང་བཀྲ་ཤིས། སུའུ་ཏེ་ཧྲེང་། ཁྲེན་ཝེ། ལྷ་མོ་མཚོ། བློ་བཟང་ཟླ་བ། དབང་ཆེན་ཚེ་རིང་། སང་ཞའོ་ཕིང་། འབྲུག་མོ། སོ་ཡ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། བདེ་སྐྱིད་སོགས་བློ་མཐུན19མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པའི་སྐབས་དྲུག་པའི་ལས་འཛིན་ལ་བདམས་ཐོན་བྱུང་།

གསར་དུ་བདམས་ཐོན་བྱུང་བའི་ཚོགས་གཙོ་བློ་བཟང་ཟླ་བས་གཏམ་བཤད་གནང་།


ཚོགས་འདུའི་ཡུལ་དངོས།


ཚོགས་འདུའི་ཡུལ་དངོས།

ཚོགས་འདུའི་ཡུལ་དངོས།

  རྒྱུས་ལོན་པ་ལྟར་ན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་ནི་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ལྷན་གྱི་འགོ་ཁྲིད་བྱས་པ་དང་། ཞིང་ཆེན་དམངས་ཁྲོད་རྩ་འཛུགས་དོ་དམ་ཅུའུ་ཡིས་མཛུབ་ཁྲིད་འོག ལས་འཛིན་ཡོངས་དང་ཚོགས་མིའི་ཡོངས་ཀྱིས་འབད་བརྩོན་བྱས་པ་བརྒྱུད། ལྷན་ཚོགས་ཀྱི་《སྒྲིག་ཡིག》དང་དམིགས་ཡུལ་ལ་གཞིགས་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་འཕེལ་རྒྱས་འཐབ་ཇུས་ཐད་བཏོན་པའི་ཁྱོན་ཡོངས་ནས་“འདུ་ཤེས་བཞི་”བརྟན་པོར་འཛུགས་པ་དང་། “སྲུང་སྐྱོང་གཉིས་”ལག་བསྟར་བྱེད་པ། “དམིགས་བསལ་གཅིག་དང་མཐོ་བ་གཉིས་”ཀྱི་འཕེལ་རྒྱས་དམིགས་འབེན་ལ་དམིགས་ནས་ཐབས་འདོན་ཇུས་འབུལ་བྱས་པ་དང་། དུས་རབས་གསར་པ་དང་འགོ་འཛུགས་ས་གསར་པའི་ཐོག་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བཅས་ལ་སྐུལ་འདེད་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་སོགས་ཀྱི་ཐད་ལྷག་བསམ་ཟོལ་མེད་ཀྱིས་ཞབས་འདེགས་ཞུ་བ་དང་བྱ་གཞག་སོ་སོར་གཡུར་ཏུ་ཟ་བའི་གྲུབ་འབྲས་བླངས།

སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱི་ལས་འཛིན་པའི་དྲན་རྟེན་འདྲ་པར་བསྐྱོན་པ།

  ཚོགས་འདུའི་སྟེང་ཞིང་ཆེན་ཏང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་། ཞིང་ཆེན་དམངས་སྲིད་ཐིན་བཅས་ཀྱི་འགོ་ཁྲིད་ཀྱིས་སྔ་རྗེས་སུ་སྤྲོ་སེམས་རབ་ཏུ་འཁོལ་བའི་ངང་གཏམ་བཤད་གནང་བ་དང་། ཁོང་ཚོས་ལོ་ཉི་ཤུ་ལྷག་ཙམ་རིང་གི་བོད་རིགས་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་དང་འབྲེལ། སྐབས་བརྗེའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་བདེ་ལེགས་ཞུས། ཁོང་ཚོས་མཚོ་སྔོན་བོད་རིགས་ཞིབ་འཇུག་ལྷན་ཚོགས་ནི་རང་ཞིང་གི་མངའ་ཁོངས་ནང་རྩ་འཛུགས་བྱས་པའི་ཞིང་ཆེན་རིམ་པའི་སྤྱི་ཚོགས་རྩ་འཛུགས་ཤིག་ཡིན་པའི་ཆ་ནས། དུས་ཡུན་རིང་པོའི་ནང་གཙོ་གཉེར་སྡེ་ཁག་གི་ཡང་དག་པའི་འགོ་ཁྲིད་དང་། པད་མ་དང་སྙིང་མོ་རྒྱལ། སྐལ་བཟང་རྡོ་རྗེ། སྟག་འབུམ་ཐར་སོགས་ཚོགས་གཙོས་མཐུན་སྒྲིལ་སྣེ་ཁྲིད་འོག ཁོངས་མི་ཡོངས་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་བྱེད་པ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་རང་ཞིང་གི་མི་རིགས་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་དྲིལ་སྒྲོག་བྱེད་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་བྱས་རྗེས་གྱ་ནོན་པ་བཞག་ཡོད། དུས་རབས་གསར་པ་དང་བླང་བྱ་གསར་བར་ཁ་ཕྱོགས་ནས་སྐབས་གསར་པའི་ཚོགས་མིས་སྲོལ་རྒྱུན་བཟང་པོ་མུ་མཐུད་དུ་རྒྱུན་འཛིན་བྱས་ཏེ། ཡང་དག་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་བྱ་རྒྱུ་ཨང་དང་པོར་འཇོག་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་གནད་དུ་འཛིན་པ། ཞིབ་འཇུག་ལྷན་ཚོགས་ཀྱི་《སྒྲིག་ཡིག་》དང་དམིགས་ཡུལ་ལྟར་ཁྲིམས་ལྟར་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་རྣམ་ཐར་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་པ། མི་རིགས་སོ་སོའི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་སོགས་དཔལ་ཡོན་དང་འཆམ་མཐུན་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་རྒྱུ་ཡིན་པར་བསྟན།  །༼དབང་ཆེན་ཚེ་རིང་གིས་བྲིས། ཚེ་རིང་རྒྱ་མཚོས་བསྒྱུར།༽ 

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།