ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2019ལོའི་ལོ་ཚོགས་དང་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ600འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་ཟི་ལིང་ནས་འཚོགས་པ།

སྤེལ་དུས། 2019-12-20 11:33:18  རྩོམ་ཁུངས། མཚོ་སྔོན་བོད་རིགས་དྲ་བ།  རྩོམ་པ་པོ། མཁའ་ཚེ། དབང་ཚེ། བསམ་ནོར།  ཀློག་གྲངས།

  ཟླ12པའི་ཚེས19ཉིན། མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2019ལོའི་ལོ་ཚོགས་དང་རྗེ་ཙོང་ཁ་པ་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ600འཁོར་བའི་རྗེས་དྲན་བགྲོ་གླེང་ཚོགས་འདུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་གཡུ་འབྲུག་གསོལ་མགྲོན་ཁང་དུ་བསྡུས།

  ཚོགས་ཐོག་ཏུ་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ་དང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་རིན་ཆེན་རྣམ་རྒྱལ། མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་སེར་ཤུལ་ཁྲི་པ་རིན་པོ་ཆེ།རྨ་ལྷོ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་ལགས་གསེར་ཁྲི།མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལགས་སྒར་བ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོ། དེ་མིན་དགོན་སྡེ་སྐོར་ཞིག་གི་དགེ་བཤེས་གྲགས་ཅན་དང་། ནུབ་བྱང་མི་རིགས་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན། མཚོ་སྔོན་དགེ་འོས་སློབ་ཆེན། མཚོ་སྔོན་བོད་རིགས་ཞིབ་འཇུག་ཚོགས་པ་བཅས་ཀྱི་དགེ་རྒན་དང་གྲྭ་བ། སློབ་མ་བཅས་མི70ལྷག་ཞུགས་ཡོད།

  ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེས་གསུང་བཤད་གནང་བཞིན་པ།

  མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྣམ་རྒྱལ།

  མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོ་གཞོན་པ་དང་དྲུང་ཡིག་ཆེན་མོ་སེར་ཤུལ་ཁྲི་པས་གསུང་བཤད་གནང་པ།

  མཚོ་སྔོན་ཞིང་ཆེན་བོད་རིགས་ཞིབ་འཇུག་མཐུན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་དང་མཚོ་སྔོན་རྗེ་ཙོང་ཁ་པ་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི་ཚོགས་གཙོའི་ངོ་ཚབ་གཅོད་པ་དོན་གྲུབ་ལགས་ཀྱིས་མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པའི2019ལོའི་བྱ་བར་རགས་བསྡུས་ཀྱིས་སྤྱི་བསྡོམས་དང2020ལོའི་བྱ་བའི་འཆར་གཞི་དང་བཀོད་སྒྲིག་སྐོར་ནས་སྙན་ཞུ་ཕུལ།

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་དགེ་རྒན་ཆེན་མོ་རྒྱ་ཡེ་བཀྲ་བྷོས་གསུང་བཤད་གནང་བཞིན་པ།

མཚོ་སྔོན་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཨ་ལགས་སྒར་བས་གསུང་བཤད་གནང་བཞིན་པ།

རེབ་གོང་རོང་བོ་དགོན་པའི་དགེ་བཤེས་རྟོགས་གྲོལ་ཡོན་ཏན་རྒྱ་མཚོས་གསུང་བཤད་གནང་བཞིན་པ།

བོད་ཀྱི་སློབ་གསོ་བ་ཆེན་མོ་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

ནུབ་བྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁ་སྒང་བཀྲ་ཤིས་ཚེ་རིང་གིས་གསུང་བཤད་གནང་བཞིན་པ།

  རྗེ་ཙོང་ཁ་པ་མཆོག་དགོངས་པ་ཆོས་དབྱིངས་སུ་འཐིམས་ནས་བགྲང་བྱ600འཁོར་བའི་དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ཁྱད་པར་ཅན་དང་བསྟུན་ནས། འཇམ་མགོན་བླ་མའི་བཀའ་དྲིན་དང་ཁོང་གི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ལ་བཀའ་དྲིན་རྗེས་སུ་དྲན་པར་བྱ་ཆེད། ཚོགས་ཞུགས་མཁས་དབང་དང་དགེ་བཤེས་བཅུ་ལྷག་གིས་རྗེ་ཙོང་ཁ་པའི་བསམ་བློའི་ལྟ་བ་དང་ཐུན་མིན་གྱི་བྱ་གཞག ནང་བསྟན་རིག་གནས་བཅས་ཀྱི་ཐད་ལ་ཟུར་ཚད་མི་འདྲ་བ་ནས་དཔྱད་བསྡུར་བྱས་པ་རེད། ཐེངས་འདིའི་བགྲོ་གླེང་ཚོགས་འདུ་འཚོགས་པ་བརྒྱུད་རྗེ་ཙོང་ཁ་པའི་ནང་བསྟན་གྱི་དགོངས་པ་དང་དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་རྒྱུད་འཛིན་དང་དར་སྤེལ་བཏང་ནས་བོད་བརྒྱུད་ནང་བསྟན་དེ་དུས་བསྟུན་འཕེལ་རྒྱས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཆམ་མཐུན་ཡོང་རྒྱུར་འཚོལ་ཞིབ་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་ནུས་པ་གང་ལེགས་འདོན་པར་དོན་སྙིང་གལ་ཆེན་ལྡན་པ་རེད།


དགེ་བཤེས་ཡ་མ་བསོད་ནམས་ལགས་ཀྱིས་གསུང་བཤད་གནང་བཞིན་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་གཏམ་བཤད་པ།

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་གཏམ་བཤད་པ།

དགེ་བཤེས་བསོད་ནམས་ཀྱིས་གཏམ་བཤད་པ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀུན་དགས་གཏམ་བཤད་པ།

ཨ་ལགས་རུ་སྔུན་གྱིས་གཏམ་བཤད་པ།

མཁན་པོ་ཐུབ་བསྟན་གྱིས་གཏམ་བཤད་པ།

མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་རྡོ་རྗེ་ཚེ་བརྟན་གྱིས་གཏམ་བཤད་པ།

དགེ་བཤེས་དགེ་འདུན་འཕྲིན་ལས་ཀྱིས་གཏམ་བཤད་པ།

དགེ་བཤེས་བློ་བཟང་ཡར་རྒྱས་ལགས་ཀྱིས་ཚོགས་འདུར་སྤྱི་བསྡོམས་བྱེད་བཞིན་པ།

  མཚོ་སྔོན་རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་ཚོགས་པས་ད་རག་བར་རང་ནུས་ཅི་ཡོད་ཀྱིས་སྔ་གཞུག་ཏུ《རྗེ་ཙོང་ཁ་པ》དུས་དེབ་ཐེངས10ལ་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་དང་། རྗེ་ཙོང་ཁ་པའི་རིག་གནས་སྒྱུ་རྩལ་ཞིབ་འཇུག་དྲ་བ་ཞེས་པའི་བོད་རྒྱ་སྐད་གཉིས་ཀྱི་དྲ་བ་བཙུགས་ཏེ་དྲ་ངོས་ནས་ཡི་གེ་དང་འདྲ་པར། སྒྲ། བརྙན་སོགས་ཀྱི་རྣམ་པས་བརྩམས་ཆོས1000ལྷག་དང་བཀའ་བསྟན་ཆ་ཚང་། སྔོན་བྱོན་མཁས་པའི་གསུམ་འབུམ། དཔེ་ཁྲིད་ཀྱི་སྒྲའི་ཡིག་ཆ1100ལྷག་བཅས་སྤེལ་ཡོད། དེ་མིན་བོད་རིག་པའི་རིག་མཛོད་བགྲོ་གླེང་ཚོགས་འདུ་དང་སྲོང་བཙན་ཤེས་རིག་བྱ་དགའ། བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས། བོད་བརྒྱུད་ནང་བསྟན་གྱི་ལོ་རྒྱུས་མི་སྣ་བླ་ཆེན་དགོངས་པ་རབ་གསལ་གྱི་མི་ཚེ་ཧྲིལ་བོའི་མཛད་རྗེས་དང་དྲན་རྟེན་ཁང་གསར་བཞེངས་ཀྱི་ཆེད་མཁས་པའི་བགྲོ་གླེང་ཚོགས་འདུ། པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དགོངས་པ་ཆོས་དབྱིངས་སུ་ཐིམ་ནས་ལོ་འཁོར28ལོན་པའི་བཞུགས་མོལ་ཚོགས་འདུ། རྗེ་ཙོང་ཁ་པའི་ཡོངས་འཛིན་ཆོས་རྗེ་དོན་གྲུབ་རིན་ཆེན་རྗེས་དྲན་གྱི་བཞུགས་མོལ་ཚོགས་འདུ་སོགས་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་པ་རེད།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།