ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལCOVID-19ཞེས་པའི་མིང་བཏགས།

སྤེལ་དུས། 2020-02-13 17:47:52  རྩོམ་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  རྩོམ་པ་པོ།   ཀློག་གྲངས།

01.jpg

  ཟླ2པའི་ཚེས11ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་གསར་འགྱུར་སྒྲོག་སྤེལ་ཚོགས་འདུར་ཞུགས།

02.jpg

  ཟླ2པའི་ཚེས11ཉིན། སུའེ་ཙེར་གྱི་རི་ནེ་ཝ་ནས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་གཏམ་བཤད་སྤེལ།

  ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཐན་ཏི་སེ་ཡིས་ཚེས་བཅུ་གཅིག་ཉིན་སུའེ་ཙེར་གྱི་རི་ནེ་ཝ་ནས་ཁྱབ་སྒྲོག་བྱས་དོན། ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ལCOVID-19ཞེས་པའི་མིང་བཏགས་ཡོད་ཟེར།

  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་པུའུ་ནས་སྤེལ་བའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་ཐན་ཏི་སེ་ཡིས་ཁྱབ་སྒྲོག་བྱས་དོན། ང་ཚོས་ད་ལྟ་རིམས་ནད་དེརCOVID-19ཞེས་པའི་མིང་བཏགས་པ་ཡིན། དེ་ནི་ཉིས་སྟོང་བཅུ་དགུ་ལོར་བྱུང་བའི་ཏོག་དབྱིབས་ནད་དུག་གསར་བ་ལས་བྱུང་བའི་རིམས་ནད་ཀྱི་བསྡུས་མིང་ཡིན་ཟེར།

  ཐན་ཏི་སེ་ཡིས་ནན་གྱིས་བསྟན་དོན། རིམས་ནད་ལ་མིང་འདོད་པ་ཧ་ཅང་གལ་ཆེན་ཡིན། རྒྱུ་མཚན་ནི་ཡང་དག་མིན་པ་དང་ལྷད་ཞུགས་ཅན་གྱི་མིང་གཞན་པ་བཀོལ་བར་སྔོན་འགོག་བྱེད་པ་དང་། ཞོར་དུ་མ་འོངས་པར་འབྱུང་སྲིད་པའི་ཏོག་དབྱིབས་ནད་དུག་གསར་བའི་རིམས་ནད་གཞན་པར་ཡང་དག་པའི་གྲུབ་སྟངས་ཞིག་འདོན་སྤྲོད་བྱེད་ཐུབ་པས་ཡིན་ཟེར།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།