ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གིས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་མི་སྣར་ཏོག་གསར་གློ་ཚད་འགོག་སྲུང་གསོ་སྦྱོང་བྱས་པ།

སྤེལ་དུས། 2020-02-13 17:49:54  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  ཟླ2པའི་ཚེས12ཉིན་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྐྱོབ་བཅོས་ནུས་པ་གསར་པའི་གསོ་སྦྱོང་འཛིན་གྲྭ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དུ་བཙུགས་པ་རེད། དེས་མཚོ་སྔོན་ཞིང་ཆེན་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་མི་སྣའི་གསོ་སྦྱོང་རྟེན་གཞི་མཚོ་སྔོན་དུ་དངོས་སུ་བཙུགས་པ་མཚོན་ཡོད།

  མཚོ་སྔོན་ཞིང་ཆེན་དུ་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྨན་བཅོས་མི་སྣའི་གསོ་སྦྱོང་རྟེན་གཞི་བཙུགས་པའི་དམིགས་ཡུལ་ནི་སྨན་བཅོས་མི་སྣས་ཏོག་གསར་གློ་ཚད་དབྱེ་འབྱེད་དང་། ནད་དཔྱད། སྨན་བཅོས། སྔོན་འགོག་ཚོད་འཛིན། འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྨན་བཅོས་མི་སྣའི་རང་ངོས་ཀྱི་འགོག་སྲུང་འདུ་ཤེས་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དེ་རེད། འབྲེལ་ཡོད་སྨན་བཅོས་ལས་ཁུངས་ཀྱི་གཙོ་གནད་ལས་གནས་དང་། གཙོ་གནད་ཚན་ཁག གཙོ་གནད་མི་སྣ་བཅས་ཀྱི་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་མི་སྣས་ཏོག་གསར་གློ་ཚད་རིམས་ནད་འགོ་བར་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་དོན་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བར་འགན་ལེན་བྱེད་པ། ཏོག་གསར་གློ་ཚད་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་བཏང་ནས་སྨན་བཅོས་མི་སྣ་རང་ངོས་དང་ནད་པའི་བདེ་འཇགས་ལ་འགན་ལེན་བྱེད་པ། སྨན་བཅོས་སྤུས་ཚད་དང་བདེ་འཇགས་སུ་གཏོང་བ་བཅས་ཀྱི་ཐད་དོན་དངོས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

  གསོ་སྦྱོང་འཛིན་གྲྭའི་སྟེང་མཚོ་སྔོན་གྱི་དགེ་རྒན་ཆེན་མོ་ཀྲའོ་ཧྲིན་ཤིའུ་དང་། ཞིང་ཆེན་མི་དམངས་སྨན་ཁང་གི་དབུགས་འབྱིན་རྔུབ་དང་ནད་གཞི་ཚབས་ཆེན་གྱི་གསོ་རིག་དང་། འགོས་ནད། ཟུག་གཟེར། ནད་གཡོག་སོགས་ཆེད་ལས་ཀྱི་གསོ་རིག་ཆེད་མཁས་པས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་སྒྲིག་གཞིའི་ལས་ཁུངས་ཁག་གི་སྨན་བཅོས་མི་སྣ100ལྷག་ཙམ་ལ་འཐབ་ཕྱོགས་དང་པོར་བསྐྱོད་རྗེས་ཀྱི་སྨན་བཅོས་མི་སྣས་དོ་སྣང་བྱེད་དགོས་པའི་དོན་ཚན་དང་། རྒྱལ་ཁབ་ཀྱི་ནད་བརྟག་སྨན་བཅོས་ཇུས་གཞི། དེ་བཞིན་སྨན་ཁང་གི་འགོས་ནད་སྔོན་འགོག་ཚོད་འཛིན་གྱི་ཕྱོགས་སྟོན། རིམས་ནད་ཀྱི་ནད་རྟགས་ཀྱི་ཁྱད་ཆོས་དང་དབྱེ་འབྱེད་བརྟག་དཔྱད། སྨན་བཅོས་གོ་རིམ་ཇི་ལྟར་ཁོང་དུ་ཆུད་པ་དང་། དེ་བཞིན་ལོགས་སུ་བཀར་བ་དང་སྨན་ཁང་ནས་ཕྱིར་འབུད་པའི་ཚད་གཞི་དང་བརྒྱུད་འདྲེན་རྩ་དོན་སོགས་ལ་ཞིབ་ཕྲའི་གསལ་འགྲེལ་བྱས་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་ལས་དོན་པར་ཚོར་སྐྱེན་རང་བཞིན་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་འཐབ་འཛིང་ལ་རྒྱལ་ཁ་ཐོབ་པར་རྨང་གཞི་བརྟན་པོ་འདིང་དགོས་པ་བཅས་ཀྱི་གསོ་སྦྱོང་བྱས་པ་རེད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།