ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱུད་ནང་བསྟན་དགོན་སྡེའི་མེ་འགོག་དང་གནའ་རྫས་བདེ་འཇགས་བྱ་བའི་ཡུལ་དངོས་གྲོས་ཚོགས་བསྡུས་པ།

སྤེལ་དུས། 2020-09-23 14:46:51  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། བསམ་ནོར།  ཀློག་གྲངས།

bff1821ea124e94303e04d5a63bf9635.jpg

  ཟླ9པའི་ཚེས21ཉིན། མཚོ་སྔོན་ཞིང་ཆེན་གྱི་བོད་རྒྱུད་ནང་བསྟན་དགོན་སྡེའི་མེ་འགོག་དང་གནའ་རྫས་བདེ་འཇགས་བྱ་བའི་ཡུལ་དངོས་གྲོས་ཚོགས་ཐུན་རིན་གྲོང་ཁྱེར་དུ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཡིས་ཚོགས་འདུར་འགོ་འཛིན་བྱས།

38586c4b38f68bac78c4786c3e1b0636.jpg

  མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་དགོན་སྡེའི་མེ་འགོག་དང་གནའ་རྫས་བདེ་འཇགས་ལ་དོ་ཁུར་ཆེན་པོ་བྱས་ཏེ། ལོ་རེར་མི་ཤུགས་དང་རྒྱུ་ཤུགས་འབོར་ཆེན་བཏང་ནས་མེ་འགོག་ལས་གཞི་དང་རྨང་གཞི་སྒྲིག་ཆས་ལེགས་བསྒྱུར་ལ་ཤུགས་བསྣན་ཏེ་ཞིང་ཆེན་ཡོངས་ཀྱི་དགོན་སྡེའི་མེ་འགོག་ནུས་པ་དང་ཆུ་ཚད་མཐོར་འདེགས་སུ་བཏང་། ཁོང་གིས་ནན་གྱིས་བསྟན་དོན།བོད་རྒྱུད་ནང་བསྟན་དགོན་པའི་མེ་འགོག་དང་གནའ་རྫས་བདེ་འཇགས་ལེགས་སྒྲིག་གི་ནུས་པ་དང་ཆུ་ཚད་ཆབ་སྲིད་ཅན་དང་ཚད་ལྡན་ཅན་དུ་གཏོང་དགོས་པ་མ་ཟད། བསམ་བློའི་ངེས་ཤེས་ལ་ཤུགས་སྣོན་དང་།ཡང་དག་པའི་སྒོ་ནས་དགོན་སྡེའི་མེ་འགོག་བྱ་བའི་དགོས་གལ་རང་བཞིན་ལ་ཤུགས་བསྣན་ནས་མཐུན་སྒྲིལ་དང་འབྱོར་ཕྱུག དཔལ་ཡོན། མཛེས་སྡུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་པར་འབད་པ་བྱེད་དགོས།

38ceb224d10e4dc9bcdfce13630ec1bb.jpg

166637e498ea7508fe867fc3f3a8d33e.jpg

  ཀྲང་ལིས་ཀྱིས་བསྟན་དོན། དགོན་སྡེའི་མེ་འགོག་དང་གནའ་རྫས་བདེ་འཇགས་ཡིད་ལ་དམ་པོར་བཟུང་ནས། འོས་འགན་ཕྲག་ཏུ་ཁུར་ནས། དོན་དངོས་ཐོག“སྲུང་སྐྱོང་གཉིས”དོན་འཁྱོལ་ཡོང་བ་བྱེད་དགོས།

  ཚོགས་འདུའི་རྗེས་སུ། ཚོགས་ཞུགས་མི་སྣ་རྣམ་རོང་བོ་དགོན་ཆེན་དུ་སོང་ནས་ཡུལ་དངོས་སུ་རྟོག་ཞིབ་མཛད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།