ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

བོད་ལྗོངས་ཀྱི་བོད་འགྱིག་ཨང་རིམ་འགྲན་བསྡུར་ལྷ་ས་ནས་སྤེལ་བ།

སྤེལ་དུས། 2020-12-28 18:47:53  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ། མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  ཀློག་གྲངས།

  བོད་ལྗོངས་ཀྱི་བོད་འགྱིག་ཨང་རིམ་འགྲན་བསྡུར་ཚེས26ཉིན་ལྷ་ས་ནས་སྤེལ་བ་དང་། ཐེངས་འདིའི་འགྲན་བསྡུར་ལ་བོད་འགྱིག་གི་ཚོགས་པའི་འགྲན་བསྡུར་དང་། བོད་འགྱིག་སློབ་གྲྭ་འབྲིང་ཆུང་གི་ཚན་ཆུང་། མིག་མངས་བྱིས་པའི་ཚན་ཆུང་བཅས་འདུས་ཡོད་དེ། ལྷ་ས་དང་ཉིང་ཁྲི། ཆབ་མདོ་བཅས་ནས་ཡོང་བའི་སློབ་གྲྭ་འབྲིང་ཆུང་གི་སློབ་མ་དང་དར་མ་བསྡོམས་པས་མི216འགྲན་བསྡུར་ཁྲོད་ཞུགས་ཡོད།

139621607_16090433834571n.jpg

  འདི་ནི་ཟླ12པའི་ཚེས26ཉིན་བྱིས་པའི་ཚན་ཆུང་གི་བདམས་ཐོན་པས་བོད་འགྱིག་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

  བོད་འགྱིག་ནི་མིག་མངས་དང་འདྲ་བའི་རོལ་རྩེད་ཞིག་ཡིན་ཞིང་། དེར་འགྲན་རྩོད་རང་བཞིན་དང་སྤྲོ་སྣང་རང་བཞིན་གཉིས་ཀ་ལྡན་པས། དེ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཆ་ཤས་ཤིག་ཡིན་པ་མ་ཟད། བོད་རིགས་མི་དམངས་ཀྱི་བློ་གྲོས་ཀྱི་ཉིང་བཅུད་ཀྱང་ཡིན།

  བོད་འགྱིག་ལ་མིག་མངས་དང་འགྱིག་བཅས་རིགས་ཆེན་པོ་གཉིས་ཡོད་ཅིང་། བོད་འགྱིག་རིག་གནས་ལ་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་ཆེད། བོད་ལྗོངས་ཀྱིས2016ལོར་བོད་འགྱིག་མཐུན་ཚོགས་བཙུགས་པ་རེད། 2019ལོར་བོད་ལྗོངས་ལུས་རྩལ་ཅུའུ་ཡིས་བོད་ལྗོངས་བོད་འགྱིག་མཐུན་ཚོགས་ཀྱིས་སྤྲད་པའི《བོད་འགྱིག་ཨང་རིམ་ལམ་ལུགས་ཀྱི་ལག་བསྟར་བྱེད་ཐབས》ལ་ཆོག་མཆན་གནང་བར་བརྟེན་ནས་བོད་འགྱིག་དེ་རིག་གནས་སྲུང་སྐྱོབ་ཀྱི་རིམ་པ་ནས་རྩལ་འགྲན་ལུས་རྩལ་གྱི་གྲས་སུ་ཚུད་པ་མཚོན་ཡོད། །

139621607_16090433835261n.jpg

  འདི་ནི་ཟླ12པའི་ཚེས26ཉིན་བྱིས་པའི་ཚན་ཆུང་གི་བདམས་ཐོན་པས་བོད་འགྱིག་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

139621607_16090433835781n.jpg

  འདི་ནི་ཟླ12པའི་ཚེས26ཉིན་དར་མའི་ཚན་ཆུང་གི་བདམས་ཐོན་པས་བོད་འགྱིག་འགྲན་བསྡུར་བྱེད་བཞིན་པའི་ཚུལ་རེད།

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།