ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རི་སྔོ་ཆུ་དྭངས་ནི་མགོ་ལོག་གི་ལེགས་ཆ་དང་གཟི་བརྗིད་ཅིག་ཏུ་གྱུར་ཡོད།

སྤེལ་དུས། 2021-04-12 09:05:37  རྩོམ་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་པ་པོ།   ཀློག་གྲངས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  བསྟུར་མར་ཉིན་འགའི་རིང་ལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་གཅིག་བསྡུས་སློབ་སྦྱོང་དང་བགྲོ་གླེང་བརྗེ་རེས་སོགས་ཀྱི་རྣམ་པ་མང་པོར་བརྟེན་ནས། གོང་ནས་འོག་བར་དུ་གྲོས་ཚོགས་བསྡུས་ཏེ་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་རྩ་འཛུགས་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གཏིང་ཟབ་ཀྱིས་སློབ་སྦྱོང་དང་དོན་འཁྱོལ་བྱས། ཚང་མས་གཅིག་རྗེས་གཉིས་མཐུད་དུ་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནི་མིག་རྒྱང་རིང་ལ་ནང་དོན་ཕུན་སུམ་ཚོགས་པ། བསམ་བློ་གཏིང་ཟབ་པ་དང་བརྩེ་བ་ཟབ་པ་ཞིག་ཡིན་པས། ཁུལ་ཡོངས་ཀྱི“ལྔ་བཅུ་བཞི”མགོ་ལེགས་པོར་རྩོམ་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བའི་འགུལ་སྐྱོད་ཀྱི་ཕྱོགས་སྟོན་དུ་གྱུར་ཡོད།

  མགོ་ལོག་ཁུལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དོན་འཁྱོལ་དང་ཁྱོན་ཡོངས་ནས་དངོས་འབེབས་བྱེད་པ་དེ་ངར་ཤུགས་གཅིག་སྒྲིམ་གྱིས“ལྔ་བཅུ་བཞི”མགོ་ལེགས་པར་རྩོམ་པ་ལེགས་འཛིན་བྱེད་པ་དང་ཟུང་འབྲེལ་བྱེད་ཅིང་། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་དང་ཟུང་འབྲེལ་བྱས་ནས། ཏང་ཀྲུང་དབྱང་གི“སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ”དང“སྐྱེ་ཁམས་དམིགས་སུ་འཛིན་པ་རྒྱུན་འཁྱོངས་བྱེད་པ” “བློ་བརྟན་འགྱུར་མེད་ཀྱིས་དམངས་འཚོའི་བདེ་སྐྱིད་ཇེ་མཐོར་གཏོང་བ” “ཏང་གི་ལོ་རྒྱུས་སློབ་སྦྱོང་དང་སློབ་གསོ་མགོ་ལེགས་པོར་རྩོམ་པ”སོགས་ཀྱི་བླང་བྱ་གལ་ཆེན་གཟབ་ནན་གྱིས་དོན་འཁྱོལ་དངོས་འབེབས་བྱས་ཐོག སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་དང་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོབ། “ཀྲུང་ཧྭའི་ཆུ་ལྕོག”སྲུང་སྐྱོབ་བཅས་བྱེད་པའི་འོས་འགན་ལྕི་མོ་འཁུར་ཅི་ཐུབ་བྱ་རྒྱུ་རེད། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་འགན་འཁྲི་ཆེན་མོ་ཁྱོན་ཡོངས་ནས་དོན་འཁྱོལ་དངོས་འབེབས་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཚད་མཐོའི་སྒོས་ལེགས་པོར་སྒྲུབ་པ་དང་། རྒྱལ་ཁོངས་བར་སྟོང་གསར་སྤེལ་གྱི་སྲུང་སྐྱོབ་བཀོད་སྟངས་ལེགས་བསྒྱུར་བྱེད་པ། རི་ཆུ་ནགས་ཞིང་དང་མཚེའུ། རྩ་ས། བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་སྐྱེ་ཁམས་ཁ་གསབ་ལམ་ལུགས་ནང་རྐྱེན་འཛུགས་སྐྲུན་གསར་སྐྲུན་བྱེད་པ། རྟེན་གཞི་འཛུགས་སྐྲུན་དང་མཐོ་ས་གསར་སྐྲུན་བྱེད་པ། དམིགས་ས་དང་ཕྱིར་གཏོང་ས་བཅས་ཀྱི་སྟེང་ནས་མགོ་ལོག་གི་བྱས་རྗེས་བཞག་སྟེ། རི་སྔོ་ཆུ་དྭངས་ནི་ནམ་ཡང་མགོ་ལོག་གི་ལེགས་ཆ་དང་གཟི་བརྗིད་ཅིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

  མགོ་ལོག་གིས་གཞན་ད་དུང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གྲོང་གསེབ་དར་སྤེལ་གཉིས་ཕན་ནུས་ལྡན་པའི་སྒོ་ནས་མཐུད་སྦྲེལ་བྱེད་པའི་ལམ་བུ་གསར་དུ་བཏོད་དེ། ཐོན་ཁུངས་ཀྱི་ལེགས་ཆ་སྔོག་འདོན་བྱེད་པ་དང་། ད་ཡོད་ཀྱི་ཐོན་སྐྱེད་རྒྱུ་རྐྱེན་སྡེབ་སྒྲིག་དང་ཆ་སྒྲིག་རྒྱུན་མཐུད་སྒོས་ལེགས་སྒྱུར་བྱེད་པ། ནོར་གནག་དང་ནས་སོགས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སུ་གཏོང་བ། “སྐྱེ་ཁམས་ཐོན་ལས་ཅན་དང་ཐོན་ལས་སྐྱེ་ཁམས་ཅན”གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་པ་བཅས་ཀྱིས། དཔལ་འབྱོར་གྱི་སྤུས་ཀ་དང་ཕན་འབྲས་ཇེ་མཐོར་གཏོང་བ་མངོན་འགྱུར་བྱ་རྒྱུ་རེད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།