ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

རྒྱལ་ཡོངས་མི་འབོར་དུང་ཕྱུར14.1178ལ་བསླེབས་འདུག

སྤེལ་དུས། 2021-05-12 09:07:21  རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  ཟླ5པའི་ཚེས11ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་སྒྲུབ་ཁང་གིས་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་མི་འབོར་ཁྱབ་བཤེར་ཐེངས་བདུན་པའི་གཞི་གྲངས་མཇུག་འབྲས་ངོ་སྤྲོད་བྱས། གཞི་གྲངས་ལྟར་ན། རྒྱལ་ཡོངས་མི་འབོར་དུང་ཕྱུར14.1178ལ་བསླེབས་ཡོད་ཅིང་། 2010ལོའི་མི་འབོར་ཁྲི133972དང་བསྡུར་ན་མི་ཁྲི7206གིས་ཇེ་མང་དུ་འཕར་འདུག

  རྒྱལ་ཡོངས་མི་འབོར་ཁྲོད་སྐྱེས་པ723339956ཡོད་པ་དང་སྐྱེས་མ688438768ཡོད། དེ་ལས་སྐྱེས་པས51.24%ཟིན་པ་དང་སྐྱེས་མས48.76% ཟིན་ནོ། ། ལོ0ནས14བར་གྱི་མི་འབོར་གྱིས17.95%དང་། ལོ15ནས59བར་གྱི་མི་འབོར་གྱིས63.35%ལོ60ཡན་གྱི་མི་འབོར་གྱིས18.7%ལོ65ཡན་གྱི་མི་འབོར་གྱིས13.5%བཅས་ཟིན་པ་རེད།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།