ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

སྐབས་གཉིས་པའི་མདོ་དབུས་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས་མཚོ་སྔོན་བཞུགས་མོལ་ཚོགས་འདུ་བསྡུས་པ།

སྤེལ་དུས། 2021-05-12 09:09:47  རྩོམ་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན་ལྟར་ན། ཟླ5པའི་ཚེས10ཉིན་གྱི་ཕྱི་དྲོར། ཐེངས་གཉིས་པའི་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱ་བ་ལས་མཚོ་སྔོན་རྟོག་ཞིབ་བཞུགས་མོལ་ཚོགས་འདུ་མཚོ་སྔོན་དགེ་ཐོན་སློབ་ཆེན་ནས་བསྡུས། ཚན་རྩལ་པུའུ་ཡི་ཏང་ཙུའུ་ཧྲུའུ་ཅི། པུའུ་ཀྲང་ཝང་ཀྲི་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཚོགས་འདུར་ཞུགས་པར་མ་ཟད་གཏམ་བཤད། ཀྲུང་གོའི་ཚན་རིག་གླིང་གི་ཡོན་ཧྲི། མདོ་དབུས་མཐོ་སྒང་ཚན་རིག་རྟོག་ཞིབ་རུ་ཁག་གི་རུ་དཔོན་ཡའོ་ཐན་ཏུང་གིས་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཀྲང་ལིས་ཀྱིས་མགོ་འཛིན་བྱས།

  ཚོགས་འདུའི་སྟེང་། ཐེངས་གཉིས་པའི་མཚོ་སྔོན་ཞིང་ཆེན་མདོ་དབུས་མཐོ་སྒང་ཚན་རིག་རྟོག་ཞིབ་བྱ་བ་ཅི་རིགས་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། ལྷག་པར་ཐེངས་གཉིས་པའི་མདོ་དབུས་མཐོ་སྒང་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ལས(མཚོ་སྔོན)ཞབས་ཞུའི་ཁག་ཐེག་མ་ལག་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་ཉན། ཝང་ཀྲི་ཀང་གིས་མཚོ་སྔོན་དང་བོད་ལྗོངས་གཉིས་ཀྱི་ཕྱི་རོལ་ཚན་རིག་རྟོག་ཞིབ་མི་སྣ་དང་བརྙན་ལམ་འབྲེལ་བ་བྱས་ནས། ཁོ་ཚོར་འཚམས་འདྲི་དང་གུས་འདུད་ཞུས་པ་དང་། ཚང་མས་ཕྱི་རོལ་ཏུ་བྱ་བ་སྒྲུབ་སྐབས་རང་གི་བདེ་འཇགས་དང་བདེ་ཐང་ལ་མཉམ་འཇོག་བྱ་དགོས་པའི་རེ་བ་བཏོན།

  ཝང་ཀྲི་ཀང་གིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཚན་རྩལ་ལས་རིགས་ཀྱི་ལས་བྱེད་མི་སྣ། མདོ་དབུས་མཐོ་སྒང་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཞུགས་པའི་ཚན་རིག་ཞིབ་འཇུག་མི་སྣ་ཡོངས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་སློབ་རྣམས་ཀྱིས་ཐེངས་གཉིས་པའི་མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐད་འབད་བརྩོན་བྱས་པ་བཅས་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། “རྒྱལ་ཁབ་ཀྱི་བྱ་བ་གལ་ཆེན་ལ”རྒྱུས་ལོན་གསལ་པོ་བྱེད་པ་དང་། ཐེངས་གཉིས་པའི་མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་རང་རྒྱལ་འཕེལ་རྒྱས་ཀྱི་དུས་རིམ་གསར་པར་ཞུགས་རྗེས་ཚན་རྩལ་གྱི་འདེགས་སྐྱོར་ཇེ་དྲག་ཏུ་གཏོང་བ་དང་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་གཏང་བར་རོགས་འདེགས་བྱེད་པའི་ཐད་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱ་དགོས་ཤིང་། “ཁ་ཕྱོགས་པ་བཞིའི”རེ་བ་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་དང་ཚན་རིག བདེ་འཇགས། དཔལ་འབྱོར་སོགས་ཕྱོགས་སྣེ་མང་པོ་ནས། མཐོ་རིམ་ཇུས་འགོད་དང་གོ་རིམ་ལྟར་དམིགས་འབེན་གདམ་གསེས་དང་ལས་འགན་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་དགོས། འབྲེལ་འདྲིས་ཀྱི་རྣམ་པ་སྤྱད་དེ་རིག་ཚན་མང་པོར་བསྣོལ་བསྲེས་དབྱེ་ཞིབ་དང་ཕྱོགས་བསྡུས་བྱེད་པ་དང་། དེ་ནི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་མ་ལག་གི་འགུག་ཤུགས་ཡིན་ལ། ཐེངས་འདིའི་ཚན་རིག་ཞིབ་བཤེར་རིན་ཐང་སྔོག་འདོན་ཟབ་མོ་བྱས་པ་ཡིན་པས། ཚན་རིག་ཞིབ་བཤེར་གྲུབ་འབྲས་བསྒྱུར་བ་དང་བཀོལ་སྤྱོད་བྱེད་པ་དང་། ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་སོགས་དཔྱད་གཞི་གསར་བ་དང་ལས་འགན་གསར་པར་དམིགས་ནས་འོས་འཚམ་གྱི་གྲོས་གཞི་འདོན་དགོས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་བཏང་སྟེ“ཚན་རིག་ཞིབ་བཤེར་གྱི་ཐོག་མའི་བསམ་འདུན”ནམ་ཡང་རྒྱུན་འཁྱོངས་བྱེད་པ། ཉམས་མྱོང་སྤྱི་སྡོམ་དང་ལེགས་བསྡུས་བྱས་ཏེ། རང་ཉིད་ཅི་ལྕོགས་ཀྱིས་གྲུབ་འབྲས་སྔར་ལས་ཆེན་པོ་དང་མང་པོ་ལེན་དགོས་ཟེར།

  ཞིན་ཁྲང་ཞིང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚན་རྩལ་པུའུ་ཡིས་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ལོ་བཅུའི་རིང་ལ་ཚན་རྩལ་ཐད་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ཇུས་འགོད་དང་ལག་བསྟར་ཐད་གྲུབ་འབྲས་མངོན་གསལ་བླངས། མཚོ་སྔོན་གྱི་རིགས་སོ་སོའི་མང་ཚོགས་སེམས་འགུལ་ཆེན་པོ་ཐེབས་ཡོད་པ་དང་ཁྱེད་ཅག་ལ་བཀའ་དྲིན་ཞུ་བཞིན་ཡོད། མཚོ་སྔོན་ནི་ཐེངས་གཉིས་པའི་མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཁྲོད་ཞུགས་མཁན་ཡིན་ལ། ཁེ་ཕན་ཐོབ་མཁན་དེ་ལས་ཀྱང་ཡིན་པས། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐེངས་གཉིས་པའི་མདོ་དབུས་མཐོང་སྒང་གི་ཚན་རིག་རྟོག་ཞིབ་འགོ་རྩོམ་སྐབས་སྤྲིངས་པའི་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལག་བསྟར་ནན་མོ་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུས་ཚན་རིག་ཞིབ་བཤེར་གྱི་ཞབས་ཞུ་འགན་སྲུང་བྱ་བར་བཟང་པོར་བསྒྲུབ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་མཚོ་སྔོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་པ་དང་ལག་ལེན་མཐར་ཕྱིན་བྱས་ནས། པུའུ་དང་ཞིང་ཆེན་བར་གྱི་མཉམ་ལས་སྔར་ལས་ཇེ་ཟབ་ཏུ་གཏང་དགོས། ཚན་རྩལ་པུའུ་ཡིས་མདོ་དབུས་མཐོ་སྒང་གི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་ཞབས་ཞུ་སྟེགས་བུ་དང་ཕྱི་རོལ་ཕྱོགས་བསྡུས་ཚན་རིག་ཞིབ་བཤེར་རྟེན་གཞི། ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་ལག་རྩལ་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་པ་དང་། སྔོན་ཐོན་གསོག་ནུས་ལག་རྩལ་རྒྱལ་ཁབ་ཚོད་ལྟ་ཁང་གཙོ་བོ་འཛུགས་པ། མཚོ་སྔོན་གྱི་རྒྱལ་ཁབ་ནོར་གནག་ལག་རྩལ་གསར་གཏོད་ལྟེ་གནས་དང་མཐོ་སྒང་གི་ལོ་ཏོག་འདེབས་འཛུགས་ཐོན་ཁུངས་གསར་གཏོད་ལྟེ་གནས་འཛུགས་སྐྲུན་བྱེད་སྐབས། ཐོག་མར་ཐཱན་ཉུང་གཏོང་དང་ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་མངོན་འགྱུར་བྱེད་པའི་གནད་འགག་ལག་རྩལ་དང་དཔེ་སྟོན་ཞིབ་འཇུག་སོགས་ཕྱོགས་ནས། མཚོ་སྔོན་ལ་རྒྱབ་སྐྱོར་དང་མཛུབ་སྟོན་སྔར་ལས་མང་པོ་འདོན་སྤྲོད་བྱེད་རྒྱུའི་རེ་བ་བཅངས་ཡོད་ཟེར།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།