ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

ཞི་ཅིན་ཕིང་གིས་རྩོམ་ཡིག་དང་ལོ་རྒྱུས། མཚན་ཉིད་རིག་པ་བཅས་ཀྱི་དུས་དེབ་ཀྱི་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་པ།

སྤེལ་དུས། 2021-05-12 09:12:13  རྩོམ་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།  རྩོམ་པ་པོ།   ཀློག་གྲངས།

  སྤྱི་ཟླ་5པའི་ཚེས་9ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྩོམ་རིག་དང་། ལོ་རྒྱུས། མཚན་ཉིད་རིག་པ་བཅས་ཀྱི་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ལ་འཕྲིན་ལན་སྤྲིངས་ནས། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་དུས་དེབ་ཡག་པོ་གཉེར་རྒྱུའི་ཐད་རེ་བ་ནན་པོ་བཏོན་གནང་ཡོད།

  ཞི་ཅིན་ཕིང་གི་འཕྲིན་ལན་ནང་། རིག་གནས་དང་ལོ་རྒྱུས། མཚན་ཉིད་རིག་པ་བཅས་ཀྱི་དུས་དེབ་བཏོན་བྱས་ནས་ལོ་ངོ་70སོང་རིང་། ཏང་གི་འགོ་ཁྲིད་འོག རྩོམ་སྒྲིག་པ་མི་རབས་ཁ་ཤས་ཀྱིས་དྲང་སྲུང་གསར་གཏོད་དང་གཅིག་རྒྱུད་གཅིག་འཛིན་བྱས་ཏེ་ཀྲུང་ཧྭ་ཡི་ཤེས་དཔལ་དར་སྤེལ་དང་རིག་གཞུང་ཞིབ་འཇུག་དར་རྒྱས་སོགས་ཐད་ལས་དོན་འབོར་ཆེན་བསྒྲུབས་པར་རྒྱལ་ཁབ་ཕྱི་ནང་དུ་སྙན་གྲགས་ངེས་ཅན་ཐོབ་ཡོད་པས། ཁྱེད་ཚོའི་འབད་བརྩོན་ལ་གདེང་འཇོག་བྱེད་འོས་པ་ཞིག་རེད་ཅེས་འཁོད་ཡོད།

  ཞི་ཅིན་ཕིང་གིས། ཀྲུང་གོ་བའི་སྙིང་རུས་དང་གདིང་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་གིས་ཀྲུང་གོར་ངོས་འཛིན་དང་ཤེས་རྟོགས་དེ་བས་ལེགས་པ་ཡོང་བ་བྱེད་པར་ཀྲུང་ཧྭ་ཡི་ཤེས་དཔལ་ལ་གོ་བ་གཏིང་ཟབ་ལེན་དགོས་པ་དང་། ལོ་རྒྱུས་དང་དོན་དངོས་དང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་ཇི་ལྟར་བྱས་ཏེ་ཀྲུང་གོའི་འགྲོ་ལམ་རྒྱུ་འཁྱོངས་དང་། ཀྲུང་གོའི་སྙིང་སྟོབས་དར་སྤེལ། ཀྲུང་གོའི་སྟོབས་ཤུགས་གཅིག་འགྲིལ་སྔར་ལས་ལྷག་པ་བཅས་བྱེད་དགོས་ལུགས་རྒྱས་བཤད་གཏིང་ཟབ་བྱེད་དགོས། བརྗོད་གཞི་གལ་ཆེན་འདིར་ལན་ཡག་པོ་འདེབས་པར་རྒྱ་ཆེའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་གི་ལས་དོན་མི་སྣས་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས་པ་དང་། དུས་རབས་གསར་པའི་ཆ་རྐྱེན་འོག་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་དགོས། སྤུས་ཚད་མཐོ་བའི་རིག་གཞུང་དུས་དེབ་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་གསར་གཏོད་ལ་སྣེ་ཁྲིད་བྱས་ཏེ་ཆུ་ཚད་མཐོ་བའི་ཞིབ་འཇུག་གྲུབ་འབྲས་འགྲེམས་སྟོན་བྱེད་པ་དང་། ཕུལ་བྱུང་གི་རིག་གཞུང་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་བར་རྒྱབ་སྐྱོར་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྱེད་རྣམ་པས་ཡང་འབད་བསྐྱར་འབད་ཀྱིས་དུས་དེབ་དེ་བས་ཡག་པ་གཉེར་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།

  ཧྲན་ཏུང་སློབ་ཆེན་གྱི་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ་བཅས་ཀྱི་དུས་དེབ་དེ་སྤྱི་ལོ་1951ལོའི་ཟླ་5པར་གཉེར་བ་དང་། དེ་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་བཏོན་པའི་མཐོ་རིམ་སློབ་གྲྭའི་རིག་གནས་ཚན་ཁག་གི་སློབ་གྲྭའི་དུས་དེབ་ཐོག་མ་དེ་ཡིན་ལ། རང་རྒྱལ་གྱི་མིག་སྔར་དུས་དེབ་འདོན་ཡུན་རིང་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་སྤྱི་ཚོགས་ཚན་རིག་གི་རིག་གཞུང་དུས་དེབ་ཅིག་ཀྱང་ཡིན། ཉེ་ཆར། རྩོམ་རིག་དང་ལོ་རྒྱུས། མཚན་ཉིད་རིག་པ་བཅས་ཀྱི་དུས་དེབ་ཀྱི་རྩོམ་སྒྲིག་པུའུ་ཡི་རྩོམ་སྒྲིག་པ་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། ལོ་ངོ་70རིང་དུས་དེབ་གཉེར་བའི་གྲུབ་འབྲས་སྙན་སེང་ཞུས་ཏེ་དུས་རབས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ་དང་། དུས་དེབ་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ། མི་རིགས་བསྐྱར་དར་བཅས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་ཆོད་སེམས་མཚོན་པར་བྱས་ཡོད་པ་རེད།

རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།