ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > འཕྲིན་གསར། > སྤྱི་དོན་གསར་འགྱུར།

མཚོ་སྔོན་རྨ་སྟོད“5.22”ས་ཡོམ་ཁྲོད་ཤང་གྲོང26དང་མི32431ལ་གནོད་པ་ཐེབས་ཡོད།

སྤེལ་དུས། 2021-05-25 17:40:11  རྩོམ་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།  རྩོམ་པ་པོ།   ཀློག་གྲངས།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས24ཉིན། གསར་འགོད་པས་མཚོ་སྔོན་རྨ་སྟོད“5.22”གནོད་སེལ་རྒུད་སྐྱོབ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་ལྔ་བའི་སྟེང་ནས་ཤེས་གསལ་ལྟར་ན། ཐོག་མའི་ཞིབ་བཤེར་བརྒྱུད། ཐེངས་འདིིའི་ས་ཡོམ་ཁྲོད་མགོ་ལོག་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་རྫོང6དང་ཤང་གྲོང26གི་མི32431ལ་གནོད་པ་ཐེབས་ཡོད།

微信图片_20210525095021.jpg

  ཆུ་གློག་དང་སློབ་ཁྲིད་སླར་གསོ་བྱུང་བ།

  ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་རྨ་སྟོད་རྫོང་གིས་རས་གུར་ཕུབ་ནས་གནས་སྐབས་ཀྱི་སློབ་ཁང་བཟོས་ཡོད་པ་དང་། ཚེས24བར་དུ། སློབ་འབྲིང་དང་སློབ་ཆུང་ཚང་མའི་སློབ་ཁྲིད་སླར་གསོ་བྱས་ཡོད་ལ། གནོད་ཐེབས་མང་ཚོགས་ཀྱི་བཀོད་སྒྲིག་ས་གནས་ཀྱི་ཆུ་གློག་ཚང་མ་རྒྱུན་ལྡན་རེད།

  རོགས་སྐྱོབ་དངོས་ཟོག་གི་ཕྱོགས་ནས། ཞིང་ཆེན་ནོར་སྲིད་སྡེ་ཁག་གིས་རོགས་སྐྱོབ་མ་དངུལ་སྒོར་ཁྲི6900(ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་རྒུད་སྐྱོབ་མ་དངུལ་ཁྲི1000འདུ)སྤྲད་དེ་ནུས་ཤུགས་ཡོད་རྒུས་གནོད་ཐེབས་མང་ཚོགས་ཀྱི་འཕྲལ་བསྟུན་རོགས་སྒྲུབ་དང་བར་བརྒལ་དུས་སྐབས་ཀྱི་འཚོ་བའི་ཁ་གསབ་དང་གནོད་སེལ་དངོས་ཟོག་གི་ཉོ་སྒྲུབ་སོགས་ཆེས་མཁོའི་ཐད་ལ་འགན་ལེན་བྱས་ཡོད། རྡོ་སོལ་དང་ལྕགས་ཐབ། དེ་མིན་གྲང་འགོག་དངོས་རྫས་སོགས་གནོད་ཐེབས་ས་ཁུལ་སུ་འབྱོར་ཡོད། རིམ་རྩིས་བྱས་ན་གནོད་ཐེབས་ས་ཁུལ་དུ་དངོས་ཟོག43052འབྱོར་ཡོད་པ་དང་། མིག་སྔར། གནོད་ཐེབས་ས་ཁུལ་དུ་དངོས་ཟོག་འདང་ངེས་ཤིག་ཡོད་པ་དང་དམངས་འཚོའི་དངོས་རྫས་ཀྱི་ཚོང་རའི་རིན་གོང་གཏན་འཇགས་རེད།

  འགྲིམ་འགྲུལ་ཕྱོགས་ནས། ཞིང་ཆེན་རིམ་པའི་གཞུང་ལམS219འཕྲང་དམར་ཆུ་བོའི་ཟམ་ཆེན་མཚམས་སུ་གནས་སྐབས་ཀྱི་བགྲོད་ལམ་ཆུང་བ་ཞིག་བཟོས་ནས་རླངས་འཁོར་ཤར་གཏོང་བྱུང་ཡོད། རྒྱལ་ལམG0613(ཟི་ལིང་ནས་ལི་ཅང་བར་གྱི་མྱུར་བགྲོད་གཞུང་ལམ)གུང་ཧོ་ནས་ཡུས་ཧྲུའུ་བར་གྱི་ལམ་དུམ་མཛོ་རྒན་རྭ་བའི་ཡུས་ཧྲུའུ་ཕྱོགས་སུ་བགྲོད་པའི་གཞུང་ལམ་དང་ཡུས་ཧྲུའུ་ཕྱོགས་སུ་བགྲོད་པའི་རྨ་སྟོད་ཡན་ལག་གཞུང་ལམ་བཀག་ཡོད། རྒྱལ་ལམG0615(གཏེར་ལེན་ཁ་ནས་སྨར་ཁམས་བར་གྱི་མྱུར་བགྲོད་གཞུང་ལམ)མཛོ་རྒན་རྭ་བ་ནས་གཅིག་སྒྲིལ་བར་གྱི་ལམ་དུམ་མཛོ་རྒན་རྭ་བའི་གཙོ་ལམ་ཕྱོགས་གཉིས་སུ་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད། ད་ལྟ་འབྲེལ་ཡོད་སྡེ་ཁག་དང་ལས་རིགས་སོ་སོའི་ཆེད་མཁས་པའི་རུ་ཁག་གིས་རང་རང་གི་འགན་ཁུར་དང་ལས་བགོས་ལྟར་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ཏེ། རོགས་སྐྱོབ་རོགས་སྒྲུབ་སོགས་གནོད་འགོག་གནོད་སེལ་བྱ་བར་འབད་བཞིན་ཡོད།

  མེ་འགོག་བཀོད་འཐབ་པ296གིས་རོགས་སྐྱོབ་བྱེད་བཞིན་པ།

  ཟླ5བའི་ཚེས24ཉིན་གྱི་ཆུ་ཚོད11བར། མཚོ་སྔོན་ཞིང་ཆེན་གྱི་མེ་འགོག་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི་མེ་འགོག་རླངས་འཁོར70དང་མེ་འགོག་བཀོད་འཐབ་པ296གིས་གནོད་ཐེབས་སུ་ཁུལ་དུ་རྒྱུན་མཐུད་ངང་ཉེན་སེལ་གནོད་སྐྱོབ་དང་རས་གུར་ཕུབ་པ། དངོས་ཟོག་དབོར་འདྲེན། མེ་འགོག་སྐོར་ཞིབ་དང་མེ་འགོག་དྲིལ་བསྒྲགས་སོགས་ཀྱི་བྱ་བ་སྤེལ་བཞིན་ཡོད། །

  རྩོམ་སྒྲིག་པ། ཆབ་འགག་ཇོ་རུ།

ཉེ་བའི་གསར་བསྒྱུར།